དགག་བྱ་ངོས་འཛིན།

January 4, 2010

༄༅། །སྨིག་རྒྱུའི་ཆུ་དང་སྒྱུ་མའིཚུལ་བཟུང་སྟེ། །

ཉམ་ཆུང་སྐྱེ་འགྲོའི་ཤེས་རྒྱུད་བསླུ་བ་ཁྱོད། །

ཞི་བའི་སྒོ་རུ་ཁོ་བོ་མི་འདོད་དེ། །

དམ་པ་རྣམས་ནི་ད་དུང་ཁྱོད་ལ་དུངས། །

ཟབ་དོན་གནས་ལུགས་དཔྱོད་པའི་ཁུར་ལྗིད་པོ། །

བློ་ཆུང་རྣམས་ཀྱི་ཕྲག་ཏུ་མི་འབབ་མོད། །

རླབས་ལྟར་འཕྱོ་བའི་སེམས་ཀྱི་འགྱུ་བ་གང༌། །

ཡི་གེར་འགོད་ལ་སུ་ཡིས་བསྙད་པར་ནུས། །

དེ་ལ་མང་དུ་ཐོས་པ་དང་མི་ལྡན་ཞིང་རིགས་པའི་གསང་གནད་རྣམ་པར་མི་ཤེས་པའི་ཁོ་བོ་ལྟ་བུས་ཟབ་མོ་སྟོང་པ་ཉིད་ཀྱི་དཀའ་གནད་ལ་རྣམ་པར་དཔྱད་ནས་མཁས་པ་དང་དཔྱོད་ལྡན་དགྱེས་པའི་ལེགས་བཤད་ཀྱི་སྐྱེས་བཟང་པོ་ཞིག་དབུལ་རྒྱུ་བྱེ་འབྲུ་ལས་སྣུམ་མི་ཐོན་པའི་ངང་ཚུལ་དང་གཉིས་སུ་མེད་ཀྱང༌། མདོ་བསྟན་གྱི་དགོངས་དོན་ལ་རིགས་པས་དཔྱད་ནས་འཇུག་པ་ཐུབ་པ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་ཡིན་པས་སེམས་ཀྱི་བག་མི་ཞུམ་པར་སྤྲོ་བས་དཔྱད་པ་ལ། Read the rest of this entry »

Hello world!

January 4, 2010

Welcome to WordPress.com. This is your first post. Edit or delete it and start blogging!